May 17, 2022

Lama Kadren Chesong Bhutanese Lyrics Video Song



Bhutanese Dzongkha Song Lyrical Video Official YouTube channel of Chencho Dorji

སྐད་འཐེན་མི-ཐུགས་རྗེ་ཡོན་ཏན།
Singer- Thujee Yonten
ཚིག-མཁན་པོ་ཨོ་རྒྱན་ཟླ་བ།
Lyricist- Khenpo Ugyen Dawa
སྙན་ཆ་བཟོ་མི-ཐུགས་རྗེ་ཡོན་ཏན།
Music- Thujee Yonten
གླུ་ཚིག་ཡི་གུ་ལུ་ཕབ་མི-བཙན་སྐྱོགས་རྡོ་རྗེ།
Lyrics Transcribed- Chencho Dorji

༼ བླ་མ་བཀའ་དྲིན་ཆེ་སོང་། ༽
༈ དུས་གསུམ་སངས་རྒྱས་རྣམས་ལས།།
བཀའ་དྲིན་འབུམ་གྱིས་ལྷག་པའི།།
ང་ཚོའི་དྲིན་ཆེན་བླ་མ།།
༧ དགའ་རབ་རྡོ་རྗེ་མཁྱེན་ནོ།།
སྲས་བཅས་རྒྱལ་བ་རྣམས་དང་།།
དྲིན་ཅན་བླ་མ་རྣམ་གཉིས།།
བཀའ་དྲིན་རྗེས་སུ་དྲན་པས།།
བླ་མ་བཀའ་དྲིན་ཆེ་སོང་།།

ཐུགས་ལ་གཞན་དོན་འཁྲུངས་པས།།
སྐུ་ངལ་འཛེམས་མེད་ཐོག་ནས།།
ཆོས་ཀྱི་བདུད་རྩི་གནང་བ།།
བླ་མ་བཀའ་དྲིན་ཆེ་སོང་།།

སྡུག་བསྔལ་གསུམ་གྱིས་བཅིངས་པའི།།
ཉམ་ཐག་སེམས་ཅན་ཐམས་ཅད།།
བརྩེ་བའི་ཕྱག་གིས་བཟུང་བ།།
བླ་མ་བཀའ་དྲིན་ཆེ་སོང་།།

མཐའ་འཁོབ་ཡུལ་དུ་བྱོན་ནས།།
མགོན་མེད་སེམས་ཅན་རྣམས་ལ།།
ཕན་པའི་ལམ་སྟོན་གསུང་པ།།
བླ་མ་བཀའ་དྲིན་ཆེ་སོང་།།

སྔོན་བྱོན་བདུད་འཇོམས་གླིང་པས།།
འགྲོ་དོན་མཛད་པ་བཞིན་དུ།།
ད་ལྟ་དེ་བཞིན་མཛད་པ།།
བླ་མ་བཀའ་དྲིན་ཆེ་སོང་།།

སངས་རྒྱས་ཀུན་གྱི་འབྱུང་གནས།།
དྲིན་ཆེན་རྩ་བའི་བླ་མ།།
འགྲོ་དོན་ཡུན་རིང་མཛད་ནས།།
སྐུ་ཚེ་ཞབས་པད་བརྟན་ཤོག།

© 2020 CHENCHO DORJI LYRICS VIDEO ALL RIGHTS RESERVED
Any reproduction or illegal distribution of the content in any form will result in immediate action against the person concerned.
Uploading this video on other YouTube channels or Facebook pages without prior permission is strictly prohibited.
(Link sharing or Embedding to websites is allowed)

source

Comments

comments